婺源茗眉大全网

S330线公路维修,关注交通管制公告,安全驾驶出行

发表时间: 2023-03-24 22:57

S330线公路维修,关注交通管制公告,安全驾驶出行

关于对S330线玛曲至青海玛沁公路养护维修期间实施交通管制的公告

S330线玛曲至青海玛沁公路是甘南州玛曲县通往青海果洛州的唯一通道,该公路采用三级公路技术标准,于2018年全面建成通车,通车后极大程度的改善了当地群众的出行,有效促进了当地社会经济发展。近年来,由于S330线大部分路段的全面建成通车,过往大型、重型载重车辆的急剧增加,致使路面出现大面积裂纹、松散、坑槽等病害。为确保广大人民群众生命财产和安全出行,经研究决定,对S330线玛曲至青海玛沁公路开展半封闭式养护维修工作,对重型载重车辆限载通行。现将有关事项通知如下:

一、管制时间:从2023年3月24日至2023年8月31日。

二、管制路线:S330线玛曲至青海玛沁公路欧强路口至甘青交界处全线132公里。

三、管制期间,禁止一切重型载重货车通行。

四、在管制期间,公安交警、交通和公路的有关部门将加强对过往车辆的执法检查,如有不听劝阻、违规冲卡和违反本公告的行为,将严格按照《中华人民共和国公路法》、《中华人民共和国道路交通安全法》、《中华人民共和国治安管理处罚法》和《甘肃省公路保护条例》的规定予以处罚,造成严重后果的将追究法律责任。

请各位车主、驾驶员、沿途乡镇予以理解、配合并相互转告,提前做好生活、生产安排,由此给您带来的不便,敬请谅解。


玛曲县公安局 玛曲县交通运输局

2023年3月24日

S330ལམ་ཐིག་གི་རྨ་ཆུ་ནས་མཚོ་སྔོན་གྱི་རྨ་ཆེན་བར་གྱི་གཞུང་ལམ་བདག་སྐྱོང་ཉམས་གསོའི་རིང་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

S330ལམ་ཐིག་གི་རྨ་ཆུ་ནས་མཚོ་སྔོན་རྨ་ཆེན་བར་གྱི་གཞུང་ལམ་ནི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནས་མཚོ་སྔོན་མགོ་ལོག་ཁུལ་བར་གྱི་བགྲོད་ལམ་གཅིག་པུ་དེ་ཡིན་པ་དང་།གཞུང་ལམ་དེས་རིམ་གསུམ་གཞུང་ལམ་ལག་རྩལ་གྱི་ཚད་གཞི་སྤྱད་དེ་2018ལོར་ཁྱོན་ཡོངས་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་རླངས་འཁོར་ཤར་གཏོང་ཐུབ་རྗེས་ས་གནས་དེ་གའི་མང་ཚོགས་འགྲོ་སྐྱོད་བྱེད་ཚད་ཆེས་ཆེར་ལེགས་སུ་ཕྱིན་ནས་ས་གནས་དེ་གའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་S330ལམ་ཐིག་གི་ལམ་དུམ་མང་ཆེ་བ་ཁྱོན་ཡོངས་ནས་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་།ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལྕི་རིགས་དང་ལྗིད་རིགས་མགྱོགས་མྱུར་མང་དུ་ཕྱིན་ནས་ལམ་ངོས་སུ་གས་སྲུབ་དང་།ཐོར་བ།ས་དོང་སོགས་ཀྱི་གནོད་འཚེ་ཐོན་གྱི་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་དང་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་པ་བྱ་ཆེད།ཞིབ་འཇུག་བྱས་པ་བརྒྱུད་S330ལམ་ཐིག་གི་རྨ་ཆུ་ནས་མཚོ་སྔོན་རྨ་ཆེན་བར་གྱི་གཞུང་ལམ་ལ་ཕྱེད་བཀག་སྡོམ་རྣམ་པའི་བདག་སྐྱོང་ཉམས་གསོའི་ལས་དོན་སྤེལ་ནས་ལྗིད་ཚད་ལྕི་བའི་རླངས་འཁོར་གྱི་སྐྱེལ་འདྲེན་ཚད་བཀག་བཟོས་ཡོད་པ་རེད། ད་ལྟ་འབྲེལ་ཡོད་དོན་དག་བརྡ་བཏང་བ་གཤམ་གསལ།

གཅིག བཀག་སྡོམ་བྱེད་ཡུན།2023ལོའི་ཟླ་3ཚེས་24ཉིན་ནས་2023ལོའི་ཟླ་8ཚེས་31ཉིན་བར།

གཉིས།བཀག་སྡོམ་ལམ་ཐིགS330ལམ་རྒྱུད་ཀྱི་རྨ་ཆུ་ནས་མཚོ་སྔོན་རྨ་ཆེན་བར་གྱི་གཞུང་ལམ་དངུལ་ཆུང་ལམ་མཚམས་ནས་ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་འབྲེལ་མཚམས་བར་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་132ཡོད།

གསུམ།བཀག་སྡོམ་སྐབས་སུ།ཁལ་ལྕི་བའི་རླངས་འཁོར་རིགས་གཏོང་མཚམས་འཇོག་རྒྱུ།

བཞི།བཀག་སྡོམ་བྱེད་སྐབས་སུ།སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པ་དང་།འགྲིམ་འགྲུལ་གཞུང་ལམ་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་འགྲོ་འོང་བྱེད་པའི་འཁོར་ལོའི་རིགས་ལ་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། གལ་ཏེ་བཀག་སྡོམ་བསླབ་བྱར་མི་ཉན་པ་དང་།སྒྲིག་སྲོལ་ལས་འགལ་ནས་འགག་སྒོ་སྒྲོལ་བ།སྤྱི་བསྒྲགས་འདི་ལས་འགལ་བའི་བྱེད་སྤྱོད་ཡོད་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》《ཀན་སུའུ་ཞིང་ཆེན་གྱི་གཞུང་ལམ་སྲུང་སྐྱོང་སྲོལ་ཡིག》བཅས་ཀྱི་གཏན་འབེབས་ལ་ནན་པོར་གཞིགས་ནས་ཆད་པ་གཅོད་རྒྱུ་དང་མཇུག་འབྲས་ཚབས་ཆེན་བཟོས་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།

རླངས་འཁོར་གྱི་བདག་པོ་དང་།ཁ་ལོ་བ།ལམ་རྒྱུད་ཀྱི་ཞང་དང་གྲོང་རྡལ་བཅས་ཀྱིས་བསམ་ཤེས་དང་གཞོགས་འདེགས་བྱེད་པ་དང་འབྲེལ་ཕན་ཚུན་ལན་སྤྲོད་བྱས་ཏེ་སྔ་ས་ནས་འཚོ་བ་དང་ཐོན་སྐྱེད་བཀོད་སྒྲིག་ཡག་པོ་བྱེད་དགོས།སྟབས་མི་བདེ་བ་ཅི་རིགས་ལ་དགོངས་འགལ་མེད་པར་ཞུ་ཞུ།།


རྨ་ཆུ་རྫོང་སྤྱི་བདེ་ཅུས། རྨ་ཆུ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས །

2022ལོའི་ཟླ3ཚེས24ཉིན།