婺源茗眉大全网

防疫知识大普及:海北州临时性疫情防控措施详解

发表时间: 2022-08-16 21:28


海北州新冠肺炎疫情防控处置工作指挥部关于临时性疫情防控政策调整的通告

(第三十二号)


近期,国内新冠肺炎疫情呈现多点散发、局部暴发的态势,防控形势严峻复杂。我省周边多个省份疫情快速发展,省内多个市(州)先后发现新冠病毒核酸检测阳性人员。为统筹做好我州疫情防控工作,严格落实“外防输入”工作,切实保障全州人民群众生命安全和身体健康,现就临时性疫情防控政策调整通告如下:


一、严格来返报备。所有省外来返州人员及省内有疫情发生县(区)来返州人员,至少在抵达海北州前24小时,通过“健康青海”公众号进入“来青返青人员报备”平台如实填报个人信息完成报备,并向目的地所在村(社区)、单位或入住宾馆酒店报备。因特殊原因无法提前报备的,须在抵州后2小时内进行报备。


近7日内有西藏、新疆、甘肃、海南等及省内有疫情报告县(区)旅居史的已返回人员,要立即向所在村(社区)、单位或入住酒店报备。因不报备或迟报造成疫情风险的依法严肃处理。


二、精准分类管理。对所有省外来返州人员及省内有疫情发生县(区)来返州人员查验24小时内核酸检测阴性证明,一律实行“落地检”,在海北期间一律执行“3天2检”措施(含“落地检”,两次间隔24小时)。


近期对西藏、新疆、甘肃、海南等疫情发生地(以县区为单位)来返人员,实行7天居家隔离医学观察,如不具备居家隔离医学观察条件,采取集中隔离医学观察,并严格落实核酸检测要求。


三、提级社会面措施。宗教场所暂时关闭,各类宗教活动暂时停办。监所、福利机构、养老服务机构等特殊场所实行全封闭管理。对西藏、新疆、甘肃、海南等地实行临时旅游“熔断”机制,暂停经营跨省团队旅游及“机票+酒店”业务,待省内外疫情平稳后再视情逐步恢复。严格控制和暂缓举办各类聚集性活动,大型聚餐、广场舞、农村赶集等聚集性活动暂停举办,倡导喜事缓办、丧事简办、宴会不办。


四、加强常态化核酸检测定点医疗机构、普通发热门诊医务人员和隔离场所工作人员每天开展1次核酸检测;快递外卖、酒店服务、家政、保洁、流动摊点、装修装卸、交通运输、废品回收、商场超市、农(集)贸市场、农家乐、五小场所(小餐馆、小美容美发店、小旅店招待所、小超市、小休闲娱乐场所)等从业人员,以及医疗卫生机构除发热门诊以外的工作人员等每周开展2次核酸检测;学校和托幼机构,养老和儿童服务机构,康复机构,监管场所等重点场所后勤保障人员(食堂、保洁、安保)做好健康监测,每周开展2次核酸检测。


五、做好个人防护。请广大群众持续绷紧疫情防控这根弦,时刻关注自身健康码、行程码变化,定期开展核酸检测,主动接种新冠病毒疫苗。要坚持勤洗手、常通风、分餐制、用公筷、保持安全社交距离等良好卫生习惯。要加强自我健康监测,一旦出现发热、干咳、乏力、嗅(味)觉减退、咽痛等不适症状,立即前往就近的发热门诊就诊,并主动告知接诊医生相关旅居史,就医途中避免搭乘公共交通工具。如故意隐瞒涉疫旅居史和接触史,或有违反疫情防控相关规定,造成疫情传播的,将依法依规追究责任。


海北州新型冠状病毒感染的肺炎

疫情防控处置工作指挥部

2022年8月15日

མཚོ་བྱང་ཁུལ་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའི་གནས་སྐབས་རང་བཞིན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྲིད་ཇུས་ལེགས་སྒྲིག་སྐོར་གྱི་བརྡ་ཁྱབ།

(ཨང་སོ་གཉིས་པ)

ཉེ་ལམ་རྒྱལ་ནང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཕྱོགས་མང་པོ་ནས་ཐོན་པ་དང་ཁ་ཤས་ནས་བྱུང་བའི་རྣམ་པ་མངོན་ཡོད་ལ། སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བ་ཞིག་རེད། རང་ཞིང་ཆེན་མཐའ་འཁོར་གྱི་ཞིང་ཆེན་མང་པོའི་རིམས་ནད་མགྱོགས་མྱུར་འཕེལ་བ་དང་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར(ཁུལ)མང་པོས་སྔ་རྗེས་སུ་པྲོག་དབྱིབས་ནད་དུག་གསར་བའི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གདགས་གཤིས་ཡིན་པའི་མི་སྣ་ཤེས་རྟོགས་བྱུང་། རང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གཅིག་གྱུར་གྱིས་ལེགས་སྒྲུབ་བྱེད་ཆེད། “ཕྱི་ནས་ནང་འདྲེན་འགོག་པ”ཡི་ལས་ཀ་དོན་འཁྱོལ་ནན་མོ་བྱེད་པ་དང་། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་འགན་ལེན་ཏན་ཏིག་བཅས་བྱ་ཆེད། ད་ལྟ་གནས་སྐབས་རང་བཞིན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་བརྡ་ཐོ་གཤམ་གསལ་ལྟར་ཡིན།


གཅིག ཕྱིར་ལོག་པ་ནན་ཏན་གྱིས་སྙན་སེང་ཐོ་འགོད་བྱེད་དགོས། ཞིང་ཆེན་ཕྱི་ནས་ཁུལ་དུ་ལོག་པའི་མི་སྣ་དང་ཞིང་ཆེན་ནང་ཁུལ་གྱི་རིམས་ནད་བྱུང་ཡོད་པའི་རྫོང(ཆུས)། ཁུལ་དུ་ལོག་པའི་མི་སྣས་མ་མཐར་ཡང་མཚོ་བྱང་ཁུལ་དུ་འབྱོར་བའི་ཆུ་ཚོད24ཡི་ནང་། “བདེ་ཐང་མཚོ་སྔོན”གྱི་སྤྱི་སྟེགས་བརྒྱུད་དེ“མཚོ་སྔོན་དུ་ཕྱིར་ལོག་བྱེད་མཁན་མི་སྣའི་སྙན་ཞུའི”ལས་སྟེགས་སུ་བསྐྱོད་དེ་མི་སྒེར་གྱི་ཆ་འཕྲིན་ཇི་མ་ཇི་བཞིན་བཀོད་ནས་སྙན་སེང་གྲ་སྒྲིག་བྱེད་པ་མ་ཟད། རང་ཉིད་ཐོན་སའི་གྲོང་ཚོ(སྡེ་ཁུལ)དང་ལས་ཁུངས་སམ་ཡང་ན་འདུག་སའི་མགྲོན་ཁང་དུ་སྙན་སེང་ཐོ་འགོད་བྱེད་དགོས། རྒྱུ་རྐྱེན་ཁྱད་པར་ཅན་གྱིས་སྔོན་གྲས་སུ་སྙན་སེང་ཐོ་འགོད་ཞུ་མི་ཐུབ་ཚེ། ངེས་པར་དུ་ཁུལ་དུ་ཐོན་རྗེས་ཀྱི་ཆུ་ཚོད2ནང་ཚུན་དུ་སྙན་སེང་ཐོ་འགོད་ཞུ་དགོས།


ཉེ་བའི་ཉིན7ནང་བོད་ལྗོངས་དང་ཤིན་ཅང་། ཀན་སུའུ། ཧེ་ནན་སོགས་དང་དེ་བཞིན་ཞིང་ཆེན་ནང་ཁུལ་དུ་རིམས་ནད་ཡོད་པའི་རྫོང(ཆུས)དུ་གནས་སྐོར་འདུག་སྡོད་བྱས་མྱོང་བ་ཕྱིར་ལོག་པའི་མི་སྣས། མགྱོགས་མྱུར་སྒོས་རང་ཉིད་འདུག་སའི་སྡེ་བ་དང་(སྡེ་ཁུལ)དང་ལས་ཁུངས་སམ་འདུག་སའི་མགྲོན་ཁང་དུ་སྙན་སེང་ཐོ་འགོད་ཞུ་དགོས། སྙན་སེང་ཐོ་འགོད་མ་བྱས་པའམ་ཡང་ན་ཞུ་འགྱངས་བྱས་པའི་རྐྱེན་གྱིས་རིམས་ནད་ཀྱི་ཉེན་ཁ་བྱུང་རིགས་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས།


གཉིས། རིགས་དབྱེ་དོ་དམ་གནད་འཁེལ་བྱེད་དགོས། ཞིང་ཆེན་ནས་ཁུལ་དུ་ལོག་པའི་མི་སྣ་དང་དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་རིམས་ནད་བྱུང་པའི་རྫོང(ཆུས)དང་ཁུལ་དུ་ལོག་པའི་མི་སྣར་ཆུ་ཚོད24ནང་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་སྲིབ་གཤིས་བདེན་དཔང་དགོས་ལ། ཚང་མས“སར་བབས་བཤེར་འཇལ”ལག་བསྟར་བྱེད་པ་དང་། མཚོ་བྱང་དུ་འདུག་པའི་སྐབས་སུ་ཚང་མས“ཉིན3ལ་ཞིབ་བཤེར2”ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས། (དེའི་ནང“སར་བབས་བཤེར་འཇལ”ཚུད་པ་དང་བར་མཚམས་ཆུ་ཚོད24ཡོད་དགོས།)


ཉེ་ལམ་བོད་ལྗོངས་དང་ཤིན་ཅང་། ཀན་སུའུ། ཧེ་ནན་སོགས་རིམས་ནད་བྱུང་བའི་ས་ཁུལ་ནས(རྫོང་དང་ཆུས་སྡེ་ཚན་དུ་རྩིས་ནས)ཕྱིར་ལོག་པའི་མི་ལ་ཉིན7གྱི་ཁྱིམ་སྡོད་ལོགས་བཀར་གསོ་རིག་གི་ལྟ་ཞིབ་བྱེད་པ་དང་། གལ་ཏེ་ཁྱིམ་སྡོད་ལོགས་བཀར་གསོ་རིག་གི་ལྟ་ཞིབ་ཆ་རྐྱེན་འཛོམས་མེད་ཚེ། གཅིག་སྡུད་ལོགས་བཀར་གསོ་རིག་གི་ལྟ་ཞིབ་བྱེད་པ་མ་ཟད། ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས།


གསུམ། སྤྱི་ཚོགས་ཀྱི་ངོས་ནས་རིམ་པ་མཐོ་རུ་གཏོང་བའི་བྱེད་ཐབས་སྤྱོད་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་གནས་སྐབས་སུ་སྒོ་རྒྱག་པ་དང་། ཆོས་ལུགས་བྱེད་སྒོ་སྣ་ཚོགས་གནས་སྐབས་སུ་སྤེལ་མཚམས་འཇོག་དགོས། བཙོན་ཁང་དང་ཕན་བདེའི་ལས་ཁུངས། རྒན་གསོའི་ཞབས་ཞུའི་ལས་ཁུངས་སོགས་དམིགས་བསལ་གྱི་གནས་ཡུལ་ཡོངས་བཀག་སྡོམ་དོ་དམ་བྱེད་དགོས། བོད་ལྗོངས་དང་ཤིན་ཅང་། ཀན་སུའུ། ཧེ་ནན་སོགས་སུ་གནས་སྐབས་སུ་ཡུལ་སྐོར་གྱི “སྒོ་རྒྱག་པའི”ལམ་སྲོལ་ལག་བསྟར་བྱས་ནས། ཞིང་ཆེན་བརྒལ་བའི་ཚོགས་པའི་ཡུལ་སྐོར་དང་དེ་བཞིན“གནམ་གྲུའི་སྤ་སེ་དང་མགྲོན་ཁང”གི་ལས་སྒོ་གནས་སྐབས་སུ་གཉེར་མཚམས་བཞག་ནས། ཞིང་ཆེན་ཕྱི་ནང་གི་རིམས་ནད་མེད་པར་གྱུར་རྗེས་སླར་ཡང་རིམ་བཞིན་སླར་གསོ་བྱེད་རྒྱུ། འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་ཚོད་འཛིན་ནན་མོ་དང་གནས་སྐབས་ནར་འགྱངས་བྱས་ཏེ། གསོལ་སྟོན་ཆེ་གྲས་དང་འདུ་རའི་ཞབས་བྲོ། ཞིང་སྡེའི་མཉམ་འཛོམས་ཉོ་ཚོང་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་གནས་སྐབས་སུ་སྤེལ་མཚམས་འཇོག་པ་དང་། གཉེན་སྟོན་ཕྱིར་འགྱངས་དང་འདས་མཆོད་སྟབས་བདེར་སྒྲུབ་པ། གསོལ་སྟོན་མི་སྒྲུབ་པ་བཅས་ལ་སྐུལ་སློང་བྱེད་དགོས།


བཞི། རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས། གནས་གཏན་ཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་། སྤྱིར་བཏང་ཚ་རྒྱས་སྨན་བཅོས་མི་སྣ་དང་ལོགས་བཀར་བྱ་ཡུལ་གྱི་ལས་དོན་མི་སྣས་ཉིན་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས1བྱེད་དགོས། མྱུར་སྐྱེལ་ཟས་སྐྱེལ་དང་མགྲོན་ཁང་ཞབས་ཞུ། ཁྱིམ་ལས་གཙང་སྦྲ། སྐོར་སྐྱོད་ཚོང་བཤམས། འགྲིམ་འགྲུལ་སྐྱེལ་འདྲེན། བེད་མེད་དངོས་རྫས་ཚུར་བསྡུ། ཚོང་རའི་ཚོང་ཁྲོམ། ཚོང་འདུས་ཚོང་ར། ཞིང་ཁྱིམ་ཟ་ཁང་། ཟ་ཁང་ཆུང་བ། སྐྲ་བཞར་ཁང་ཆུང་བ། མགྲོན་ཁང་ཆུང་བ། ཚོང་ཁང་ཆུང་བ། སྤྲོ་གསེང་རོལ་རྩེད་ཁང་ཆུང་བ་བཅས་ཀྱི་ལས་ཞུགས་མི་སྣ་དང་དེ་བཞིན་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚ་རྒྱས་སྒོ་བསྟེན་ལས་གཞན་པའི་ལས་བྱེད་མི་སྣ་བཅས་ཀྱིས་གཟའ་འཁོར་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས2བྱེད་དགོས། སློབ་གྲྭ་དང་བུ་བཅོལ་ཁང། རྒན་གསོ་དང་བྱིས་པའི་ཞབས་ཞུ་ལས་ཁུངས། ཁམས་གསོ་ལས་ཁུངས། ལྟ་སྐུལ་དོ་དམ་ས་ཚིགས་སོགས་ཀྱི་གཙོ་གནད་གནས་ཀྱི་རྒྱབ་ཕྱོགས་འགན་ལེན་མི་སྣས(ཟ་ཁང་དང་གཙང་སྦྲ། བདེ་སྲུང)བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་པ་དང་། གཟའ་འཁོར་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས2བྱེད་དགོས།


ལྔ། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྩ་བ་དེ་མུ་མཐུད་དམ་པོར་བཟུང་ནས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བདེ་ཐང་བཤེར་རིས་དང་ལམ་ཐིག་བཤེར་རིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་བྱས་ཏེ། དུས་ལྟར་ཉིང་སྐྱུར་བརྟག་དཔྱད་བྱེད་པ་དང་། རང་འགུལ་ངང་པྲོག་དབྱིབས་ནད་དུག་གསར་པའི་འགོག་སྨན་རྒྱག་དགོས། ལག་པ་བཀྲུ་བ་དང་། ཁ་དབུགས་རྒྱུག་ཏུ་འཇུག་པ། ཟ་མ་བགོ་བའི་ལམ་ལུགས། སྤྱི་སྤྱོད་ཐུར་མ་བཀོལ་བ། བདེ་འཇགས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་པ་སོགས་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས། རང་ཉིད་ཀྱི་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས། ཚ་བ་རྒྱས་པ་དང་སྐམ་ལུ་བྱེད་པ། ཤུགས་མེད་པ། སྣའི(དྲི་མ)ཚོར་བ་ཉམས་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་ཚེ། འཕྲལ་མར་ཐག་ཉེ་སའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་པ་མ་ཟད། རང་འགུལ་ངང་སྨན་པར་འབྲེལ་ཡོད་ཀྱི་འགྲུལ་བཞུད་ལོ་རྒྱུས་བཤད་དགོས་པ་དང་། སྨན་བཅོས་བྱེད་པའི་ལམ་བར་དུ་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་འདུག་མི་རུང་། གལ་ཏེ་རིམས་ནད་དང་འབྲེལ་བའི་ཡུལ་སྐོར་ལོ་རྒྱུས་དང་འབྲེལ་གཏུག་ལོ་རྒྱུས་གསང་བའམ་ཡང་ན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་འགལ་ནས། རིམས་ནད་མཆེད་དུ་བཅུག་པའི་རིགས་ལ་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་འགན་འཁྲི་བདའ་འདེད་བྱེད་རྒྱུ།


མཚོ་བྱང་ཁུལ་གྱི་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུ།

2022ལོའི་ཟླ8ཚེས15ཉིན།